ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་འཚམས་འདྲི་བདེ་བླག་ངང་མཇུག་བསྒྲིལ།
ཁུངས། ཀློག་གྲངས།

ས་དེའི་ཟླ9པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་འཚམས་འདྲི་བདེ་བླག་ངང་མཇུག་བསྒྲིལ་ནས་པེ་ཅིང་དུ་ཕྱིར་ལོག

ཝ་ཧྲིང་ཐོན་ནས་ཞལ་གྱེས་སྐབས། ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་པོས་གནམ་གྲུ་ཐང་དུ་སྐྱེལ་མ་ཞུས།   གནམ་གྲུ་ཐང་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ།

གནམ་གྲུ་ཐང་ལ་ཕེབས་པའི་ལམ་བར་དུ།    ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ།   ཕྱི་འགྲིམས་སློབ་མའི་འཐུས་ཚབ་པས་ལམ་འགྲམ་གྱི་གཞོགས་གཉིས་སུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་བདེ་བླག་ངང་མཇུག་བསྒྲིལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།