ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་བསུ་མ་མཛད།
ཁུངས། ཀློག་གྲངས།

ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་པའོ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཕེབས་པའི་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ལ་བསུ་མ་མཛད།

 ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲིན་པའོ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཕེབས་པའི་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་བསུ་མ་མཛད།

དམག་གསུམ་གཟབ་སྦྲེང་རུ་ཁག་གིས་མེ་མདའ་ཡར་བཀྱགས་ནས་གུས་འདུད་ཞུས་པ་དང་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་གིས་ཐི་ལིང་ཕུའུ་དང་བརྩེ་བའི་ངང་ཕྱག་འཇུ་གནང་། ལོ་ཆུང་བྱིས་པས་ཐི་ལིང་ཕུའུ་ལ་མེ་ཏོག་ཕུལ་བ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ9པར་ང་རང་ཨ་རིར་རྒྱལ་དོན་འཚམས་འདྲིར་སོང་དུས།  སྲིད་འཛིན་ཐི་ལིང་ཕུའུ་བཟའ་ཟླ་གཉིས་ཆེད་དུ་གནམ་གྲུ་ཐང་ལ་བསུ་མ་བྱེད་དུ་ཕེབས་པ་མ་ཟད། དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། ཀྲུང་གོ་ནི་གུས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་ཕན་ཚུན་ལ་གུས་བཀུར་བྱེད་པའི་སྲོལ་རྒྱུན་ཡོད། ངས་ཁྱོད་རང་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཁྱོད་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས། འཛམ་གླིང་གི་གནས་སྟངས་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས། བརྩི་འཇོག་དང་འདྲ་མཉམ། འདྲ་མཚུངས་བཅས་རྨང་གཞིར་གྱུར་བའི་ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བ་མདུན་ནས་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། 

ཐི་ལིང་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དངོས་སུ་གནམ་གྲུ་ཐང་ལ་བསུ་མ་བྱེད་དུ་ཕེབས་པ་དང་ཀྲུང་གོའི་ཕྱོགས་ཀྱི་དམིགས་བསལ་བཀོད་སྒྲིག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡང་བསྐྱར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བར་དགའ་སྤྲོ་ཚད་མེད་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་གཙོ་འཛིན་ཞིག་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་འཛོམས་གྲོས་མོལ་གནང་ཐེངས་རེར་ཧ་ཅང་དགའ་པོ་བྱུང་ཡོད། ཐེངས་འདིའི་རྒྱལ་དོན་འཚམས་འདྲི་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པར་ཡིད་ཆེས་ཡོད།

ཚའེ་ཆི་དང་ཝང་དབྱི། ཧོང་ཁོན་མུན་བཅས་བྱེད་སྒོར་ཞུགས།