བོད་ཀྱི་གླུ་བ་གྲགས་ཅན་ཡ་ཏུང་བོད་ཁུལ་དུ་བསྐྱོད་ནས་རོལ་དབྱངས་རྒྱུ་ཆ་འཚོལ་སྡུད་བྱས་པ།
ཁུངས། ཀློག་གྲངས། 6

བོད་ཀྱི་གླུ་བ་གྲགས་ཅན་ཡ་ཏུང་ཉེ་ལམ་བོད་ཁུལ་དུ་བསྐྱོད་ནས་རོལ་དབྱངས་རྒྱུ་ཆ་འཚོལ་སྡུད་བྱེད་བཞིན་ཡོད། བྱ་བ་དེ་ཉེ་ལམ་དངོས་སུ་ལེགས་འགྲུབ་འབྱུང་ལ་ཉེ། ཁོས་འདི་ལྟར་དཀའ་ཁག་བརྒྱུད་ནས་རོལ་དབྱངས་རྒྱུ་ཆ་འཚོལ་སྡུད་བྱེད་དགོས་དོན་ནི་ཁོའི་ཆེད་སྒྲིག་བརྙན་འཁོར་གསར་བ་འགྲེམ་སྤེལ་བྱེད་པའི་ཆེད་ཡིན་ལ་འཚོལ་སྡུད་བྱས་པའི་འབྲས་བུ་ཡང་ཧ་ཅང་བཟང་། ཐེངས་འདིར་ཁོས་བོད་ཀྱི་གནའ་བོའི་ཆོས་ལུགས་རོལ་མོ་དང་དམངས་ཁྲོད་རོལ་མོ། གཉུག་གནས་རོལ་མོ་སོགས་ཀྱི་ཉིང་བཅུད་མང་པོ་འཚོལ་སྡུད་བྱེད་ཐུབ་ཡོད་པས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ་མི་འགྱང་བར་ཁོས་རྒྱལ་ནང་གི་རོལ་མོ་ཕྱོགས་ཀྱི་དགེ་རྒན་མང་པོ་དང་མཉམ་འབྲེལ་བྱས་ནས་རོལ་དབྱངས་བརྩམས་ཆོས་གསར་བ་མང་པོ་རྒྱ་ཆེའི་ཉན་མཁན་རྣམ་པའི་སྙན་ལམ་དུ་འབུལ་རྒྱུ་རེད། 

གླུ་བ་ཡ་ཏུང་ནི་བོད་ཀྱི་རོལ་མོའི་སྒྱུ་རྩལ་སྟེང་གོ་གནས་ངེས་ཅན་ཡོད་པ་དང་ཀུན་གྱིས་ཆེས་དགའ་བསུ་ཐོབ་པའི་གླུ་བ་ཞིག་རེད། སྤྱིར་ལོ་མང་པོ་ཞིག་ལ་ཁོས་ང་ཚོར་བརྩམས་ཆོས་གསར་བ་མཁོ་སྤྲོད་མ་བྱས་མོད། སྒྲོལ་མ་ཅེས་པའི་གླུ་དབྱངས་སྙན་མོ་ཞིག་ད་རག་བར་དུ་ང་ཚོའི་སེམས་སུ་གཉར་ཡོད། ང་ཚོ་ཚང་མས་མཉམ་དུ་གླུ་བ་ཡ་ཏུང་གི་གླུ་སྐད་སྙན་མོ་ཡང་བསྐྱར་བོད་ཁམས་དུ་འབུལ་བར་རེ་ཞིང་སྒུག