
མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་སྲིད་གྲོས་དང་པེ་ཅིན་ཁ་བ་ཅན་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་བྱས་པའི་བོད་ཀྱི་དམངས་སྲོལ་གློག་བརྙན༼ཨ་རིག་བུ་མོ་འབྲི་བརྒྱ་མ༽ཞེས་པའི་གློག་བརྙན་གྱི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་དྲུག་ཉིན་ཟི་ལིང་ཞིན་ཡོན་མགྲོན་ཁང་ནས་གཟབ་རྒྱས་ངང་བསྡུས།

དཔྱད་གླེང་ཚོགས་འདུའི་ཟུར་ཞིག

༼ཨ་རིག་བུ་མོ་འབྲུ་བརྒྱ་མ༽ཞེས་པའི་གློག་བརྙན་གྱི་ཁྱབ་བསྒྲགས་བརྡ་ཁྱབ།
ཐེངས་འདིའི་དཔྱད་གླེང་ཚོགས་འདུར་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡང་ཧེ་ལིན་དང་། མདོ་ལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆང་།