གསེར་རྟའི་གཞས་མ་མཚོ་དཀར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་བསྒྲུབས་བཞིན་པའི་གཞས་ར་ཕྲ་མོའི་གླུ་ལེན་ཆེད་ཚོགས་ལ་ཞུགས་པ།
ཁུངས། ཀློག་གྲངས། 14

ལུགས་གསར་གྱི་ཟླ་འདིའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་འཕྲིན་གྱི་གཞས་ར་ཕྲ་མོའི་གླུ་ལེན་ཆེད་ཚོགས་ལ་ཁམས་གསེར་རྟ་ནས་འོང་པའི་གཞོན་སྐྱེས་གཞས་མ་མཚོ་དཀར་ཞུགས་འདུག དེ་ནི་གཞས་མ་རིག་འཛིན་སྒྲོལ་མའི་གངས་རིའི་སྐར་རྒྱན་ཞེས་པའི་གླུ་ལེན་ཆེད་ཚོགས་ཐོག་མར་བསྒྲུབས་པའི་ཚུན་ཆད་ནས་བོད་མདོ་དབུས་ཁམས་གསུམ་ལ་ཕྱོགས་ཏེ་བསྒྲུབས་པའི་གཞས་ར་ཕྲ་མོའི་གླུ་ལེན་ཆེད་ཚོགས་བསྒྲུབས་ཐེངས་གཉིས་པ་ཡིན་འདུག རེབ་འདིའི་གླུ་ལེན་ཆེད་ཚོགས་ལ་གཞས་མ་མཚོ་དཀར་གྱི་སྙན་མོ་ངག་ལ་བཀུག་པའི་བརྗོད་དོན་གླུ་དབྱངས་གསེར་རྟ་བུ་མོ་དང་གཞན་སྲིང་ཆུང་མ། དེ་མིན་སྒྲ་སྙན་རྡུང་ལེན་ཞང་རྒྱ་ལོ་ལོ་དང་སྦྲ་ནག་ལ་སོགས་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། ཁོ་མོའི་སྨྲ་བརྗོད་དག་མོ་དང་གཞན་དང་ཐུན་མིན་གྱི་རྫ་ཆུ་བསིལ་མ་ལྟ་བའི་གླུ་སྐད་ལ་དེ་བས་ཀྱང་ཁས་ལེན་དང་གདེང་འཇོག་ཐོབ་ཡོད།

dddd3f61b7e36464e3d18b9430ea553c.jpg