ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གླུ་བྲོ་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གླུ་གར་ལྷོ་ཁོ་རེ་ཡ་ནས་འཁྲབ་སྟོན་བྱས་པ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན། ཀན་སུའུ་ཞིང་ཆེན་ཀན་བོད་རིགས་རང་སྐྱོང་ཁུལ་གླུ་བྲོ་ཟློས་གར་ཚོགས་པས་ལྷོ་ཁོ་རེ་ཡའི་རྒྱལ་ས་ཧྲིག་ཨར་ནས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་སྒོར་བྲོ་འཁྲབ་སྟོན་བྱས། ཉིན་དེར། འཁྲབ་སྟོན་པ་དག་གིས་ད་དུང་ལྷོ་ཁོ་རེ་ཡའི་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་བོད་ཀྱི་ཚབ་མཚོན་རང་བཞིན་ཅན་གྱི་རིག་གནས་སྒྱུ་རྩལ་ཏེ་ནང་མ་དང་སྒྲ་སྙན་རྡུང་ལེན། བོད་ཀྱི་ཟློས་གར་སོགས་འཁྲབ་སྟོན་བྱས་པས་དགའ་བསུ་ཆེན་པོ་ཐོབ་པ་དང་། གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གླུ་གར་ཚོགས་པ་འདིས་ལྷོ་ཁོ་རེ་ཡའི་ཏ་ཐེན་གྲོང་ཁྱེར་ནས་འཁྲབ་སྟོན་བྱ་རྒྱུ་རེད།

9.jpg

སྲོལ་རྒྱུན་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

99.jpg