
རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་རྡོ་རྗེ་ཚེ་རིང་གིས་བཀོད་པའི་གསར་འགྱུར།
ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཡུས་ཧྲུའུ་ཁུལ་ཏང་ཨུ། ཁུལ་མི་དམངས་་སྲིད་གཞུང་གིས་མཉམ་དུ་སྒྲུབ་པའི་ཤིང་ཕོ་རྟ་ལོའི་ལོ་སར་དགོང་ཚོགས་«སྐྱིད་པའི་ཡུས་ཧྲུའུ་»ཞེས་པ་ཡུས་ཧྲུའུ་རྫོང་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་། འདི་ནི་ཡུས་ཧྲུའུ་ཡི་ལོ་ངོ་གསུམ་རིང་གི་བསྐྱར་སྐྲུན་ཆེན་མོའི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་བླངས་རྗེས་རང་ས་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་ཡུས་ཧྲུའུ་ཁུལ་མངའ་ཁོངས་ཀྱི་རྫོང་སོ་སོའི་མང་ཚོགས་ཞུགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་ཐེངས་དང་པོ་ཡིན་ལ། ད་ལྟའི་བར་འཚོགས་པའི་གཞི་རྒྱ་ཆེས་ཆེ་བའི་དམངས་ཁྲོད་རང་བཞིན་གྱི་ལོ་སར་དགོང་ཚོགས་ཐོག་མའང་ཡིན། ཡུས་ཧྲུའུ་ཁུལ་ཏང་སྲིད་ལས་ཁུངས་ཀྱི་འགན་ཁུར་པ་མི་བརྒྱ་ལྷག་དང་། ལས་ཁུངས་སོ་སོ་དང་རྫོང་སོ་སོའི་འཐུས་ཚབ་མི་སྣ། འཁྲབ་སྟོན་ཚོགས་པ་སོ་སོ་བཅས་མི་དྲུག་བརྒྱ་ལྷག་ཐེངས་འདིའི་དགོང་ཚོགས་སྟེང་ཞུགས་ནས་རྩེད་མོ་སྣ་ཚོགས་ལ་རོལ་མྱོང་བྱས།
དགོང་ཚོགས་ཀྱི་བརྗོད་བྱ་གཙོ་བོ་བདེ་སྐྱིད་དང་དྲིན་གཟོ་ཡིན་ལ། ཏང་དང་རྒྱལ་ཁབ། རྒྱལ་ཡོངས་རིགས་སོ་སོ་མི་དམངས་དང་རོགས་སྐྱོར་ཚོགས་པ་སོ་སོའི་