ཀྲུང་གོའི་རོལ་མོ་དྲ་བས་བོད་པའི་ལོ་སར་ལ་ཕུལ་བའི་ལེགས་སྐྱེས་ཐོག་མ། 《ང་ཚོས་མཉམ་དུ་བོད་གླུ་ལེན》ཞེས་པའི་ཆེད་བརྩམས་དེང་གཞས་རོལ་མོ་དྲ་བར་བཀོད་པ།
ཁུངས། ཀློག་གྲངས། 6

2014030116543055.jpg

ཉེ་ལམ། རོལ་མོ་པ་གུ་གེ་ཡིས་ཀྲུང་གོའི་བོད་ཀྱི་རོལ་མོ་དྲ་བ་དང་མཉམ་འབྲེལ་གྱིས་བརྩམས་ཤིང་། གཞས་མ་ཟླ་བ་སྒྲོལ་མ་དང་གཞས་པ་ཚེ་རིང་བསམ་འགྲུབ་གཉིས་ཀྱིས་བླངས་པའི《ང་ཚོས་མཉམ་དུ་བོད་གླུ་ལེན》ཞེས་པ་ཀྲུང་གོའི་རོལ་མོ་དྲ་བ་དང་དེ་མིན་རྒྱལ་ནང་གི་དྲ་ཚིགས་ཆེ་གྲས་ཁག་ཏུ་བརྒྱུད་གཏོང་བྱས་ཏེ། བཀྲ་ཤིས་བདེ་ལེགས་ཀྱི་ཁ་བཏགས་དཀར་པོའི་དོད་དུ་བོད་ཤིང་ཕོ་རྟ་ལོའི་ལོ་སར་ལེགས་སྐྱེས་སུ་ཕུལ་བ་རེད།

ཀྲུང་གོའི་བོད་ཀྱི་རོལ་མོ་དྲ་བའི་ལས་བྱེད་ཡོངས་ནས། བོད་ཤིང་ཕོ་རྟ་ལོའི་གནམ་ལོ་གསར་བའི་སྐྱ་རེངས་དང་པོ་དང་ལྷན་དུ། འདས་པའི་ལོ་གཅིག་གི་རིང་ལ། རྒྱ་ཆེའི་དྲ་ལམ་གྱི་གསན་མཁན་ལྷན་རྒྱས་ནས་དྲ་བ་འདི་ལ་མཐོང་ཆེན་རྒྱབ་སྐྱོར་དང་དགའ་བསུ་ཡི་རངས་བྱས་པ་ལ་བཀའ་དྲིན་ཞུ་བར། ཆེད་དུ《ང་ཚོས་མཉམ་དུ་བོད་གླུ་ལེན》ཞེས་པའི་གཞས་ཤིག་གསར་རྩོམ་མཛད་དེ་རྒྱལ་ཡོངས་རིགས་སོ་སོའི་སྤུན་ཟླར་ཕུལ་བ་རེད།