
བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་བརྙན་ཕྲན«ལམ་གྱི་རྨི་ལམ།»ཞེས་པ་པེ་ཅིན་དུ་འགྲེམ་གཏོང་བྱས། ཨ་སྒང་ཡར་རྒྱས་ཀྱིས་མིག་སྔར་པེ་ཅིན་དུ་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་ཆེད་ལས་སྦྱོང་གིན་ཡོད་ཅིང་། ཐེངས་འདིར་པེ་ཅིན་འཁྲབ་རྩལ་སློབ་གླིང་གི་འཁྲབ་རྩལ་ལྟེ་གནས་སུ་འགྲེམ་གཏོང་བྱས་པའི་བརྙན་ཕྲན་བརྩམས་ཆོས་འདི་ནི་ཨ་སྒང་ཡར་རྒྱས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ་ཡིན་པ་དང་། འགྲེམ་གཏོང་ཡུལ་དངོས་སུ་གཟིགས་མོ་བས་ཁེངས་ཡོད་ལ། ཕལ་ཆེ་བ་ནི་པེ་ཅིན་དུ་བྱ་བ་སྒྲུབ་པ་དང་སློབ་གཉེར་བྱེད་པའི་བོད་རིགས་གྲོགས་པོ་དག་རེད།

བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་བརྙན་ཕྲན«ལམ་གྱི་རྨི་ལམ»ཞེས་པ་མཚམས་སྦྱོར་བྱེད་བཞིན་པ།