གཞས་པ་རྡོ་རྗེ་དོན་གྲུབ་ཀྱི་ཆེད་སྒྲིག་ཐོག་མ་འགྲེམ་སྤེལ་བྱས་པ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ཕྱུག་མོའི་ཉེ་འདབས་ཏེ། མངའ་རིས་སྤུ་ཧྲེང་རྫོང་ནས་འཚར་ལོངས་བྱུང་པའི་གཞས་པ་རྡོ་རྗེ་དོན་གྲུབ་ཀྱི་ཆེས་ཐོག་མའི་ཆེད་སྒྲིག«གནས་ཆེན་ཡུལ་གྱི་སྨོན་འདུན»ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་དང་། ཁོའི་ཆེད་སྒྲིག་ཟེར་འཁོར་དེའི་ནང་དུ«བཀྲ་ཤིས་སྐལ་བཟང་རི་བོ»ཞེས་པ་དང«འཆོར་རྒྱན» « ལྷ་བྱའི་གྲེ་འགྱུར»« ལྷན་འཛོམས»ཞེས་པ་སོགས་སྙན་ཞིང་འཇེབས་པའི་སྟོད་མངའ་རིས་ཀྱི་དམངས་གླུ་བདམས་བཀོད་བྱས་ཡོད། 

གཞས་པ་རྡོ་རྗེ་དོན་གྲུབ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དྲུང་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། བོད་ལྗོངས་མངའ་རིས་ས་ཁུལ་གྱི་གླུ་གར་ཚོགས་པར་ལས་བགོ་བྱས། སྤྱི་ལོ་ཉིས་སྟོང་བཞི་ལོའི་ཟླ་བདུན་པར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་མོ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། ཉིས་སྟོང་དྲུག་ལོར་ཁོ་རང་མི་སྒེར་གྱི་གླུ་ལེན་ཆེད་ཚོགས་སྟེང་བླངས་པའི«སྐུ་ཉིད་མངའ་རིས་ལ་ཕེབས་པར་དགའ་བསུ་ཞུ»དང«མཛེས་སྡུག་ལྡན་པའི་མངའ་རིས»སོགས་ལ་ས་དེའི་ཡུལ་མི་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ། ཁོས་ཀྲུང་དབྱང་མ