མཐོ་སྒང་བུ་མོ་ཚན་སྡེབ་ཀྱི«མཁུར་ཚོས་དམར་པོ»ཞེས་པའི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་གསུམ་པ་འགྲེམ་སྤེལ་བྱས།
ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 2

རྒྱུས་ལོན་པ་ལྟར་ན། མཐོ་སྒང་བུ་མོ་ཚན་སྡེབ་ཀྱི«མཁུར་ཚོས་དམར་པོ»ཞེས་པའི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་གསུམ་པ་འགྲེམ་སྤེལ་བྱེད་ལ་ཉེ་ཞིང་། ཐེངས་འདིའི་འགྲེམ་སྤེལ་བྱེད་པའི་ཆེད་སྒྲིག་ལDVDདངCDབཅས་སྣ་གཉིས་ཡོད་པ་མ་ཟད། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དུས་མཉམ་དུ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད། ཆེད་སྒྲིག་གསར་བ«མཁུར་ཚོས་དམར་པོ»ཞེས་པའི་བརྙན་འཁོར་ནང་དུ་ཉེ་བའི་ལོ་འགའི་ནང་མཐོ་སྒང་བུ་མོ་ཚན་སྡེབ་ཀྱིས་ལེན་བཞིན་པའི་ཕུལ་བྱུང་གླུ་གཞས8འདུས་ཡོད།

untitled45897.JPG

«མཁུར་ཚོས་དམར་པོ»ཞེས་པའི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་གྱི་འགྲེམ་སྤེལ་པར་རིས།

རྩོམ་སྒྲིག་པ།   ཟླ་བཟང་སྒྲོལ་མ།