སློབ་རའི་གློག་བརྙན༼ལང་ཚོའི་འདས་དོན༽གྱི་ཐོག་མའི་བརྙན་སྟོན་མཛད་སྒོ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནས་བསྡུས།
ཁུངས། ཀློག་གྲངས། 6

ཟླ་འདིའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། སློབ་རའི་གློག་བརྙན་ལང་ཚོའི་འདས་དོན་གྱི་གཟིགས་འབུལ་ཐོག་མའི་མཛད་སྒོ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནས་གཟབ་རྒྱས་ངང་བསྡུས་ཤིང་། བོད་ཀྱི་འཁྲབ་ཁྲིད་པ་ཞི་བདེ་ཉི་མ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན། འཁྲབ་སྟོན་པ་དང་གཞས་གདངས་རྩོམ་མཁན་སྙིང་རྩེ་རྒྱལ། གླུ་བ་མཁར་བྱམས་རྒྱལ་སོགས་མཛད་སྒོར་ཞུགས།

001.jpg

ཐེངས་འདིའི་མཛད་སྒོར་ཞུགས་པའི་གདན་ཞུའི་སྐུ་མགྲོན་ལྷན་རྒྱས།

སློབ་རའི་གློག་བརྙན་ལང་ཚོའི་འདས་དོན་ནི་བོད་ཀྱི་ན་གཞོན་སློབ་མ་ཞིག་གི་མཐར་ཕྱིན་ལས་བྱ་ཡིན་ལ། ཁོས་རང་ལ་ཆ་རྒྱུས་ཡོད་པའི་སློབ་རའི་གྲུ་ཟུར་ཞིག་གླེང་གཞི་བྱས་ནས་དེང་རབས་བོད་ཀྱི་སློབ་ཆེན་སློབ་མ་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་མཚོན་པའི་ཞོར་དུ། ཁོ་ཚོ་ཕ་ཡུལ་དང་བྲལ་ནས་རྒྱང་རིང་གི་གྲོང་ཁྱེར་ནས་སློབ་གྲྭར་འགྲིམས་པའི་གོ་རིམ་ཁྲོད། མི་གཤིས་དང་བསམ་བློའི་ཐད་ཐེབས་