

གློག་བརྙན«གཡང་མདའ»ཡི་འགྲེམ་སྤེལ་པར་རིས།
ཟླ6པའི་ཚེས5ཉིན། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཐེངས་གཉིས་པའི“གསེར་ཇོའུ”བྱ་དགར་ཚུད་པའི་གློག་བརྙན་བཞི་ཁྱབ་བསྒྲགས་བྱས་ལ། བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི«གཡང་མདའ»ཞེས་པའི་གློག་བརྙན་ཡང་ཐེངས་འདིའི“གསེར་ཇོའུ”བྱ་དགར་ཚུད་པ་རེད།
སྐབས་འདིའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན“གསེར་ཇོའུ”བྱ་དགའི་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ནི་ཀྲུང་གོའི་སྐྱེས་མའི་གཙོ་འཁྲབ་པ་ཀུང་ལི་ཡིས་སྣེ་ཁྲིད་པའི་མི་བདུན་གྱིས་གྲུབ་པ་ཡིན་ལ། དཔྱད་འདེམས་གྱི་མཇུག་འབྲས་ནི་ཟླ6པའི་ཚེས22ཉིན་གྱི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་བསྒྲགས་རྒྱུ་རེད།
&