
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཆེན་མོ《གཡུ་གཞོང་རྐང་ཚ》ཞེས་པའི་ཕབ་སྐྲུན་མི་སྣ་དང་འཁྲབ་སྟོན་པ་དག་དེ་རིང་མཚོ་བྱང་བོད་རིགས་རང་སྐྱོང་རྐང་ཚ་རྫོང་དུ་ཐོན་ཏེ། སྤྲོ་ཚོགས་ཀྱི་སྔོན་འགྲོའི་བྱ་བ་སྣ་ཚོགས་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཆེན་མོ་འདི་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས༢༠༠༤ལོ་ནས་བཟུང་བསྒྲུབ་མགོ་བརྩམས་པ་ཡིན་ལ། ཏང་གི་གསུང་སྐད་གཞི་རིམ་ལ་བསྐྱེལ་བ་དང་། མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་གཞིར་བཟུང་ནས་མཚོ་སྔོན་ཞིང་ཆེན་གཙོ་བྱས་པའི་བོད་ཁམས་ཀྱི་ས་གནས་ཁག་ནས་སྔ་ཕྱིར་སྐབས་ཐེངས་དྲུག་ལ་བསྒྲུབས་པ་ཡིན་ལ། རེབ་འདི་ནི་སྒྲུབ་ཐེངས་བདུན་པ་ཡིན།
ཐེངས་འདིའི