
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ«གཡུ་གཞོང་རྐང་ཚ»ཞེས་པ་དེ་རིང་ཕྱི་དྲོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་རིག་གནས་ཐང་ཆེན་གཟབ་རྒྱས་ངང་བསྡུས།
སྤྲོ་ཚོགས་ལ་རྐང་ཚ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་མཚོ་སྔོན་རྒྱང་སྒྲོག་ཁང་གི་འབྲེལ་ཡོད་མགོ་སོགས་ཞུགས་ཡོད་པ་དང་རང་ཞིང་གི་ས་གནས་སོ་སོ་ནས་ཡོང་བའི་སྒྱུ་རྩལ་པ་དག་གིས་ཡིད་དབང་འཕྲོག་པའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ཏེ། སྤྲོ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་།
སྤྲོ་ཚོགས་མཇུག་སྒྲིལ་མ་ཐག་མགོ་ཁྲིད་རྣམས་གར་སྟེགས་སུ་ཕེབས་ནས་སྒྱུ་རྩལ་པ་དག་དང་ལག་འཇུ་བྱས་པར་མ་ཟད། མཉམ་པར་བླངས།

འབྲེལ་ཡོད་མགོ་ཁྲིད་ཀྱིས་འཁྲབ་སྟོན་