
ཉེ་ལམ། མགོ་ལོག་རྩྭ་ཐང་ནས་འཚར་ལོངས་བྱུང་པའི་ན་གཞོན་གཞས་པ་ཀུན་མགོན་གྱི་ཆེད་སྒྲིག་བརྙན་འཁོར་གསུམ་པ«སྨོན་ལམ»ཞེས་པ་དངོས་སུ་བོད་ཁུལ་གྱི་ཚོང་རར་འགྲེམ་སྤེལ་བྱས་པ་དང་། ཁོའི་ཆེད་སྒྲིག་བརྙན་འཁོར་དང་པོ་དང་གཉིས་པ་གཉིས་ཀའི་འགྲེམ་སྤེལ་དང་སྒྲིག་སྦྱོར་གྱི་ཐད་ལ། བོད་ཁམས་ཀྱི་གཞས་པ་གྲགས་ཅན་ཤེར་བསྟན་དང་བློ་བཟང་གཉིས་ནས་རྒྱབ་རོགས་བྱས་ཏེ་ལེགས་གྲུབ་བྱས་པ་ཞིག་རེད། གཞས་པ་ཀུན་མགོན་ལ་ལྷན་སྐྱེས་སུ་མངའ་བའི་སྐད་ངག་སྙན་མོ་དང་དགའ་ཕྱོགས་ཀྱིས་སྐུལ་བའི་གླུ་གཞས་སྒྱུ་རྩལ་གྱི་ཚོར་བ་རྣོན་པོས་རྒྱ་ཆེའི་ཉན་མཁན་རྣམས་ཀྱི་སྙན་ལམ་དུ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཅིག་བཏེགས་འོང་པར་ཁོ་རང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

གཞས་པ་ཀུན་མགོན་གྱི་ཆེད་སྒྲིག་ཟེར་སྡེར་གསར་བའི་བརྡ་ཁྱབ།