
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། བོད་སྐད་བརྙན་འཕྲིན། བོད་སྐད་དྲ་ཚིགས། ཞིན་ཧེ་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་རྩིས་ཡོད་པའི་ཉིས་སྟོང་བཅུ་བཞི་ལོའི་ན་ཆུང་བྱིས་པའི་སྤྲོ་ཚོགས་ཆེན་མོ༼ཁ་བའི་འདུན་མ༽ཞེས་པ་དེ་ཟླ་འདིའི་ཚེས་བཅོ་ལྔ་ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་སྤྲེལ་ཐང་གསེར་གཞུང་རིང་མོ་ནས་བསྡུ་རྒྱུ་ཡིན་ལ། ད་ལྟ་གྲ་སྒྲིག་གི་བྱ་བ་ཆེས་མཇུག་མཐའི་གནད་འགག་གི་དུས་རིམ་ལ་སླེབས་ཡོད། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྣམས་ཀྱིས་ཟས་བརྗེད་གཉིད་ཆགས་ཀྱི་སྒོ་ནས་འཁྲབ་ཁྲིད་བྱས་ཏེ་ད་ལྟ་གཡུར་ཟའི་འབྲས་བུ་མི་དམན་པ་བླངས་ཡོད། གཤམ་དུ་འཁྲབ་སྦྱོང་ཡུལ་དངོས་ཀྱི་པར་འགའ་ཡིས་ཐེངས་འདིའི་འཁྲབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པའི་མུ་འགོད་གཏམ་རྒྱུད་ཐོར་བུ་འདིའི་དབུ་ཁྱུད་སློང་བར་བྱེད།

ཐེངས་འདིའི་སྤྲོ་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པ་ཚེ་མགོན་གྱིས་ཡུལ་དངོས་ན་འཁྲབ་ཁྲིད་བྱེད་