༼ཁ་བའི་འདུན་མར ༽འབྲེལ་བའི་མུ་འགོད་གཏམ་རྒྱུད་ཐོར་བུ། ༼ ཁག་གཉིས་པ ༽
ཁུངས། ཀློག་གྲངས། 1

འདི་ག་དྲ་ཚིགས་ཀྱི་གསར་འགོད་པ་རྣམ་རྒྱལ་རིག་འཛིན་གྱིས་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ནས་བཀོད་པའི་གནས་ཚུལ།

༼ཁ་བའི་འདུན་མ༽བརྗིད་ཆགས་ཧང་རི་མཐོན་པོའི་རྔམ་ཟིལ་དང་ཆད་མེད་ཧང་ཆུ་སྔོན་མོའི་གར་འགྲོས་དང་འགྲོག་ནས་ང་ཚོ་དང་ཇེ་ཉེ་ནས་ཇེ་ཉེ་ཡིན་ལ། ང་ཚོས་འཁྲབ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་རྣམས་ཀྱི་བྱ་བའང་ལྟོས་བཅས་ཀྱིས་བྲེལ་འཚུབ་ཇེ་ཆེར་འགྲོ་བཞིན་པ་མཐོང་ཐུབ། ཞོགས་པའི་སྐྱ་རེངས་ཀྱི་ངད་ཁ་ཕྱེས་པ་དང་ལྷན་དུ་ཚང་མ་རང་རང་གི་ལས་ཀར་བྲེལ་དགོས་མོད། སློབ་གྲོགས་ཆུང་ཆུང་འདི་དག་གི་གར་གྱི་སྟངས་སྟབས་བདེ་མོ་དང་ངག་གི་འགྱུར་ཁུགས་སྙན་མོས་འཁྲབ་ཁྲིད་པ་རྣམས་ཀྱི་ངལ་དུབ་གཞི་ནས་སེལ་ཞིང་རེ་འབྲས་དོན་སྨིན་འབྱུང་བར་ཡིད་ཆེས་དང་སྤོབ་པ་སྩོལ་བཞིན་ཡོད།

ད་ལྟ་སློབ་གྲོགས་རྣམས་ཀྱི་འཁྲབ་སྟོན་གྱི་ཆུ་ཚད་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་པ་མ་ཟད། འགུལ་སྟངས་དང་ཉམས་འགྱུར་སོགས་གང་གི་ཆ་ནས་ཀྱང་ཡར་སྐྱེད་ཆེན་པོ་བྱུང་ཡོད་པས། འཁྲབ་ཁྲིད་པ་རྣམས་ཀྱི་ཟླ་ངོ་གཅིག་ཙམ་གྱི་རེ་བ་དོན་སྨིན་བྱུང་ཡོད།

003.jpg