༼ཁ་བའི་འདུན་མར ༽འབྲེལ་བའི་མུ་འགོད་གཏམ་རྒྱུད་ཐོར་བུ། ༼ ཁག་གསུམ་པ ༽
ཁུངས། ཀློག་གྲངས། 1

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་བོད་སྐད་དྲ་ཚིགས། ཞིན་ཧེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་སྒྲུབ་པའི་ཉིས་སྟོང་བཅོ་ལྔ་ལོའི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས། ༼ཁ་བའི་འདུན་མ༽མི་འགྱང་བར་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་ཁོངས་གཏོག མདོ་སྨད་རྫོང་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་རི་བོའི་ཉེ་འགྲམ། སྤྲེལ་ཆུང་མ་བུ་གར་ལ་རྩེན་སའི་གནས་མཆོག་སྟེ་སྤྲེལ་ཐང་གསེར་གཞོང་རིང་མོ་ནས་བསྡུ་རྒྱུ་ཡིན་ལ། ཐེངས་འདིའི་སྤྲོ་ཚོགས་སྟེང་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་། རྫོང་ཆ་ཚང་སློབ་ཆུང་། རྩི་གོར་ཐང་དཀྱིལ་སྙིང་བྱིས་སྐྱོང་ཁང་། དཔལ་ཁ་ཞང་སློབ་ཆུང་། དཔལ་ཁ་དཀྱིལ་སྙིང་བྱིས་སྐྱོང་ཁང་བཅས་ཕྱོགས་ལྔ་ནས་ཐོན་པའི་སློབ་མ་སུམ་བརྒྱ་ལྷག་ཞུགས་ཡོད་པ་མ་ཟད། ད་ལྟ་བོད་ཁུལ་དུ་གླུ་གར་སྒྱུ་རྩལ་ཐད་འཇོན་ནུས་འབུར་ཐོན་ཅན་གྱི་ན་ཆུང་བྱིས་པ་གང་མང་གདན་འདྲེན་བྱས་ནས་རྩེད་མོའི་རྣམ་གྲངས་ཉི་ཤུ་ལྷག་ཀུན་གྱི་སྤྱན་སྔར་འབུལ་རྩིས་ཡོད་པས། ན་ཆུང་གྲོགས་པོ་ཡོངས་དང་ལྷག་པར་དུ་བརྗོད་བྱ་འདིར་མོས་པ་ཡོད་མཁན་ཀུན་ལ་ལེགས་སྐྱེས་བཟང་པོ་ཞིག་ཏུ་འགྱུར་ངེས།

011.jpg