
བྲག་དཀར་སྤྲེལ་རྫོང་དུ་བསྐྱོད་པའི་མཐོང་ཐོས་ཐོར་བུ།

དད་འདུན་སྙིང་ལ་བསྒོམས་ཡོད། ། སོར་བཅུའི་ཐལ་མོ་སྦྱར་ཡོད། །
བྲག་དཀར་སྤྲེལ་རྫོང་ཕྱོགས་ལ། ། འགྲོ་བའི་གོམ་ཁ་བསྒྱུར་ཡོད། །

མཐོ་རིས་ལ་ཁར་སླེབས་བྱུང་། ། གྲོགས་པོར་ལམ་ནས་མཇལ་བྱུང་། །
རྟེན་འབྲེལ་ངང་གིས་འགྲིག་སོང་། ། ཡིད་སེམས་སྐྱིད་སྣང་འཁྲུངས་བྱུང་། །
