“ཁ་བའི་འདུན་མར”འབྲེལ་བའི་མུ་འགོད་གཏམ་རྒྱུད་ཐོར་བུ། ༼ ཁག་ལྔ་བ ༽
ཁུངས། ཀློག་གྲངས། 1

ཟླ་འདིའི་ཚེས་བཅུ་གཉིས་ཉིན་གསར་འགོད་པ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི“ཁ་བའི་འདུན་མའི”རིག་རྩལ་སྤྲོ་ཚོགས་སྒྲུབ་པའི་ཡུལ་དངོས་སུ་འབྱོར་བ་ན། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་དག་གིས་བྲེལ་ཟིང་ངང་འཁྲབ་སྦྱོང་བྱེད་བཞིན་ཡོད་པ་ལས་གཞན། སྒྲ་ལེན་པ་དང་། གར་སྟེགས་ལས་མཁན། སྦྲ་གུར་ཕུབ་མཁན་སོགས་ཀྱང་རང་རང་གི་ལས་ལ་བྲེལ་བཞིན། ག་ས་གང་དུ་སྤྲོ་ཚོགས་ཀྱི་ཡོ་ལངས་རྣམ་པར་རྒྱས་ཤིང་། མི་འགྱངས་པར་འཚོགས་པའི་ན་ཆུང་བྱིས་པའི་སྤྲོ་ཚོགས་ཆེན་མོ་དེར་རེ་བ་ཆེན་པོ་བྱེད་བཞིན་འདུག

001.jpg

“ཁ་བའི་འདུན་མའི”སྤྲོ་ཚོགས་ཀྱི་རོལ་མོའི་སྤྱིའི་ལྟ་སྐུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་ཡུལ་དངོས་སུ་སྒྲ་ལེན་བཞིན་པ།

002.jpg

“ཁ་བའི་འདུན་མའི”སྤྲོ་ཚོགས་ཀྱི་སྒྲིག་ཁྲི