མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས༼གསེར་ལྗོངས་སྣང་རའི་སྤྲོ་འཛོམས།༽ཞེས་པའི་སྟ་གོན་བྱ་བ་ཚགས་སུ་ཆུད་པ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 34

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས༼གསེར་ལྗོངས་སྣང་རའི་སྤྲོ་འཛོམས།༽ཞེས་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དུ་ཟླ་ཕྱེད་ལྷག་གི་རིང་ལ་ས་གནས་ཀྱི་རྩེད་མོ་འཚོལ་བསྡུ་དང་འཁྲབ་སྟོན་པ་རྩ་འཛུགས། གཞས་ཚིག་དང་གཞས་གདངས་གསར་རྩོམ། སྒྲ་ལེན་དང་གླུ་གར་འཁྲབ་སྦྱོང་སོགས་ཀྱི་གོ་རིམ་བརྒྱུད་མཐར་སྤྱི་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གྲ་སྒྲིག་གི་བྱ་བ་ཡོངས་སུ་མཇུག་སྒྲིལ། ཚེས་ཉེར་གཉིས་ཉིན་གཅན་ཚ་རྫོང་སྣང་ར་ཤང་གྲམ་པ་ནང་སྡེ་བར་ཡོད་པའི་སྣང་རའི་སྟོང་དཔོན་གྱི་གཞིས་ཀར་དངོས་སུ་འཁྲབ་སྟོན་བྱ་རྒྱུ་རེད། 

image001.jpg

གཞས་གདངས་གསར་རྩོམ་དང་སྒྲ་ཕབ་ལེན་གྱི་རིམ་པ། 
 b4d826dc9fe6294873674077c216d0ae.jpg
ཐེངས་འདིའི་སྤྲ