མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་གིས་རིག་གནས་གཞི་རིམ་དུ་སྐྱེལ་བའི་རིག་རྩལ་བྱ་འགུལ་སྤེལ།
ཁུངས། ཀློག་གྲངས། 7

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། ཧྭ་ལུང་རྫོང་གསེར་གཞོང་བོད་རིགས་ཤང་བྲག་དཀར་བུ་རྒྱུད་སྡེ་བ་རུ་རིག་གནས་གཞི་རིམ་དུ་སྐྱེལ་བའི་རིག་རྩལ་བྱ་འགུལ་སྤེལ་ཞིང་། གསེར་གཞོང་ཞང་གི་མངའ་ཁོངས་སུ་ཡོད་པའི་སྡེ་བ་སོ་སོའི་མང་ཚོགས་ཁྲི་གཅིག་ཙམ་གྱིས་རིག་རྩལ་འཁྲབ་སྟོན་ལ་བལྟས། ཧྭ་ལུང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་གནས་ཅུའུ་ཡིས་རིག་གནས་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་འདིར་མཐོང་ཆེན་བླ་ལྷག་བྱས་ཤིང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ནང་དོན་གལ་ཆེན་དུ་བཞག་ནས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་མདའ་རྩེད་དང་གླུ་གར་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་བཀོད་སྒྲིག་བྱས། སྔ་དྲོར་ཕ་ཡུལ་ཧྭ་ལུང་ནས་ཡིན་པའི་རྨ་ལྷོའི་མདའ་འཕེན་རུ་ཁག་དང་ཧྭ་ལུང་ནུབ་ཕྱོགས་ཀྱི་མདའ་འཕེན་འཐུས་ཚབ་རུ་ཁག བྲག་དཀར་བུ་རྒྱུད་མདའ་འཕེན་རུ་ཁག་བཅས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པ་ཡིན་པའི་མདའ་རྩེད་འགྲན་བསྡུར་བྱས་ཏེ་སྔར་ལྷག་གིས་ཧྭ་ལུང་ས་ཆའི་མདའི་རིག་གནས་རྒྱུད་འཛིན་དར་སྤེལ་བྱས། རུ་ཁག་གསུམ་པོར་འགྲན་བསྡུར་གྱི་རྒྱལ་ཕམ་རིམ་པ་ལྟར་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་དང་བསྡོམས་པས་སྒོར་ཁྲི་གཅིག་གི་བྱ་དགའ་བྱིན་ཏེ་མདའ་རྩེད་རིག་གནས་མི་ཉམས་རྒྱུད་འཛིན་ཐད་ལ་རྟིང་སྐུལ་བ