
མཚོ་སྔོན་བོད་སྐད་བརྙན་འཕྲིན་དང་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས༼བཱ་ཡན་སྐྱིད་ལ་གཞིས་འཛོམས༽ཞེས་པའི་བརྙན་སྐྲུན་ཚན་ཆུང་གིས་ཟླ་གཉིས་ལྷག་གི་རིང་ལ་ཧྭ་ལུང་ཡུལ་གྱི་ཕྱིའི་བཀོད་པའི་བརྙན་རིས་རྒྱུ་ཆ་ཕབ་ལེན་དང་། ས་གནས་རང་གི་ཁྱད་ཆོས་ལྡན་པའི་རྩེད་མོ་སྣ་ཚོགས་འཚོལ་བསྡུ་དང་འཁྲབ་སྟོན་པ་རྩ་འཛུགས། ཡུལ་དངོས་ནས་སྒྲ་ལེན་པ་སོགས་སྔོན་འགྲོའི་བྱ་བ་མཐའ་དག་ཡོངས་སུ་རྫོགས་ཏེ་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ཧྭ་ལུང་རྫོང་གསེར་གཞོང་ཤང་བྲག་དཀར་བུ་རྒྱུད་སྡེ་བ་རུ་འཁྲབ་སྦྱོང་སྟ་གོན་བྱས་ནས་ལེགས་འགྲུབ་བྱུང་བ་དང་། ཚེས་བཅུ་བདུན་ཉིན་དངོས་སུ་ཕབ་སྐྲུན་བྱ་རྒྱུ་རེད།
