བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས༼བཱ་ཡན་སྐྱིད་ལ་གཞིས་འཛོམས༽བརྙན་ཕབ་བྱས་ཚར།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

གསར་འགོད་པ་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་འཕྲིན་དང་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་རྫོང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་དམངས་ཁྲོད་ལོ་སར་སྤྲོ་ཚོགས༼བཱ་ཡན་སྐྱིད་ལ་གཞིས་འཛོམས༽ཞེས་པ་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ཧྭ་ལུང་རྫོང་གསེར་གཞོང་ཞང་བྲག་དཀར་བུ་རྒྱུད་སྡེ་བ་ནས་འཁྲབ་སྟོན་བྱས་ཏེ་བརྙན་ཕབ་ལེགས་འགྲུབ་བྱུང་།

ཐེངས་འདིར་༼བཱ་ཡན་སྐྱིད་ལ་གཞིས་འཛོམས༽ཀྱི་བརྙན་སྐྲུན་ཚན་ཆུང་གིས་ཟླ་གཉིས་ལྷག་གི་རིང་ལ་དཔའ་ལུང་ཡུལ་གྱི་ཕྱིའི་བཀོད་པའི་བརྙན་རིས་རྒྱུ་ཆ་ཕབ་ལེན་དང་། ས་གནས་རང་གི་ཁྱད་ཆོས་ལྡན་པའི་རྩེད་མོ་སྣ་ཚོགས་འཚོལ་བསྡུ་དང་འཁྲབ་སྟོན་པ་རྩ་འཛུགས། ཡུལ་དངོས་ནས་སྒྲ་ལེན་པ་སོགས་བརྒྱུད་རིམ་རབ་དང་རིམ་པ་གང་མང་བརྒྱུད་ཅིང་། བྱ་བར་གཟབ་ནན་དང་ཧུར་ཐག་ཆེན་པོ་བྱས་པ་ལ་བརྟེན་ནས་ལེགས་འགྲུབ་ཡག་པོ་བྱུང་ལ། དགོང་ཚོགས་ཡོངས་ཀྱི་ལེ་ཚན་ཚང་མ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཏེ་དགོང་ཚོགས་ཧྲིལ་བོ་ལྟད་མོ་བ་རྣམས་ཀྱི་ཐལ་མོ་ལྡེབ་སྒྲའི་ཁྲོད་ནས་བསྐྱལ། ལོ་ན་བརྒྱད་ཅུ་བརྒལ་བའི་ཨ་ཡེ་མཚོ་གོ་སོགས་ཀྱིས་འཁྲབ་པའི་རྩེད་རིག༼ཁྲོམ་ན་ཟླ་རྩེད་ན་ང་ཡང་རྩེད