མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།

ལོ་རེར་ཐེངས་རེའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་ཏེ2015ལོའི་བོད་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོ«འཆམ་མཐུན་བཀྲ་ཤིས་གཡང་ལོ»ཞེས་པ་དེ་2014ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ནས་བཟུང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་འཁྲབ་སྦྱོང་བྱེད་འགོ་བརྩམས།

ཐེངས་འདིའི་སྤྲོ་ཚོགས་ཀྱི་ཞབས་བྲོ་དང་རྩེད་རིག་ལ་འགན་འཁུར་ཡོད་པའི་མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་དེ་རིང་ནས་བཟུང་དངོས་སུ་འཁྲབ་སྦྱོང་ལ་ཞུགས་ཏེ། དགོང་ཚོགས་ནང་དུ་འདེམས་པའི་ཞབས་བྲོ་དང་རྩེད་རིག་སོགས་ ལ་ཆེད་ལས་རང་བཞིན་གྱིས་སྦྱངས་པ་བྱེད་བཞིན་ཡོད། རང་རེའི་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དག་དུས་ལྟར་འཁྲབ་སྦྱོང་ཡུལ་དངོས་སུ་སོང་སྟེ་འཁྲབ་སྦྱོང་གི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས།

ཐེངས་འདིའི་ལོ་སར་སྤྲོ་ཚོགས་ཀྱི་འཁྲབ་ཁྲིད་པ་སྔ་མོ་ནས་འཁྲབ་སྟོན་ཡུལ་དངོས་སུ་ཡོང་ནས་འཁྲབ་སྟོན་མི་སྣ་དང་གྲོས་བསྡུར་བྱས་ཏེ། ཞབས་བྲོ་དང་རོལ་དབྱངས་སྒྲིག་ཁྲིད། སྒྲ་ལེན་པ་སོགས་ཀྱི་སྐོར་ལ་བཀོད་འདོམས་བྱེད་ཀྱིན་པ་མ་ཟད། གཞན་ད་དུང་འབ