མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས<< འཆམ་མཐུན་བཀྲ་ཤིས་གཡང་ལོ>>རིག་རྩལ་བརྩམས་ཆོས་འཁྲབ་སྦྱོང་སྟ་གོན་བྱེད་བཞིན་པའི་ཚུལ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ནི་ལོ་སར་སྤྲོ་ཚོགས་རིག་རྩལ་འཁྲབ་སྦྱོང་བྱེད་པའི་ཉིན་གཉིས་པ་ཡིན་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་འཁྲབ་སྟོན་པ་དག་གིས་སྔར་བཞིན་དུས་ལྟར་འཁྲབ་སྦྱོང་སྟ་གོན་བྱེད་གྱིན་འདུག ཉིན་འདིར་གཙོ་བོ་རིག་རྩལ་བརྩམས་ཆོས་ཁྲོད་ཀྱི་རྣམ་གྲངས་རེ་འགའ་སྟེ་རྡུང་ལེན་མཉམ་ལེན་དང་། བཞད་གར་སོགས་ལ་འཁྲབ་ཁྲིད་པའི་མཛུབ་ཁྲིད་འོག་ཡང་ནས་བསྐྱར་དུ་འཁྲབ་སྦྱོང་བྱེད་བཞིན་ཡོད།

IMG_0164.jpg

འཁྲབ་སྟོན་པས་བྲོ་ལྭ་ལེན་བཞིན་པ།

IMG_0218.jpg

ཞབས་བྲོ་སྒྲིག་ཁྲིད་པས་མཛུབ་ཁྲིད་བྱེད་བཞིན་པ།