མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས<<འཆམ་མཐུན་བཀྲ་ཤིས་གཡང་ལོ>> རིག་རྩལ་བརྩམས་ཆོས་ལ་སྒྲ་ལེན་པའི་འགོ་བརྩམས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས<<འཆམ་མཐུན་བཀྲ་ཤིས་གཡང་ལོ>>རིག་རྩལ་བརྩམས་ཆོས་མུ་མཐུད་དུ་འཁྲབ་སྦྱོང་བྱས་ཤིང་། དགོང་མོའི་ཆུ་ཚོད་བདུན་པ་ནས་བཟུང་སྒྲ་ལེན་པའི་འགོ་བརྩམས།

རང་རེའི་ལས་ཁུངས་ཀྱི་སྒྲ་ལེན་ཁང་དུ་སྒྲ་ལེན་པའི་སྐོར་གྱི་བྱ་བ་སྒྲུབ་བཞིན་འདུག་ལ། རོལ་མོ་སྒྲིག་སྦྱོར་དགེ་རྒན་དང་འཁྲབ་ལེན་པ་རྣམས་ཀྱིས་སུན་སྣང་མེད་པར་རྣམ་གྲངས་རེ་རེར་རིམ་པ་བཞིན་དུ་སྒྲ་ལེན་དང་སྒྲིག་སྦྱོར་གྱི་དུས་ལ་འབད་གྱིན་ཡོད།

IMG_0392.jpg

སྒྲ་ལེན་པས་སྒྲ་ལེན་པར་གྲ་སྒྲིག་བྱེད་ཀྱིན་པ།

IMG_0389.jpg