
གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།
ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། རང་རེའི་ལས་ཁུངས་ཀྱི་སྣེ་ལེན་པ་དང་གསར་འགོད་པ་ཟི་ལིང་གནམ་གྲུ་ཐང་དུ་སོང་ནས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས<<འཆམ་མཐུན་བཀྲ་ཤིས་གཡང་ལོའི>>སྟེང་གདན་ཞུའི་སྐུ་མགྲོན་གཞས་པ་གཞས་མ་སྐོར་ཞིག་ལ་སྣེ་ལེན་བྱས། དེ་རིང་གི་སྐུ་མགྲོན་དག་ནི་ཡུན་ནན་ནས་ཐོན་པའི་ཤམ་བྷ་ལ་ཚན་སྡེབ་དང་། ལྷ་སའི་གཞས་པ་ཕུར་ཆུང་དང་རྡོ་རྗེ་དོན་གྲུབ། གཞན་ཡང་ཁྲིན་ཏུའུ་དང་ཡུས་ཧྲུའུ་ནས་ཐོན་པའི་གཞས་པ་གཞས་མ་སྐོར་ཞིག་ཡིན་ལ། ཕྱི་དྲོ་ཆུ་ཚོད་གསུམ་པ་ཙམ་ལ་རང་རེའི་ལས་ཁུངས་ཀྱི་སྣེ་ལེན་ཁང་དུ་འབྱོར་ཏེ་སྒྲ་ལེན་པ་སོགས་སྔོན་འགྲོའི་བྱ་བར་འཇུག་བཞིན་ཡོད། དེ་མིན་དགོང་མོའི་ཆུ་ཚོད་དགུ་བ་ཡས་མས་སུ་བྱུ་རུ་དམར་ཆུང་ཚན་སྡེབ་སོགས་ཟི་ལིང་དུ་ཐོན་རྒྱུ་ཡིན་འདུག་ཅིང་། ཟླ་འདིའི་ཚེས་བཅུ་བཞི་ནས་བཟུང་ནས་དངོས་སུ་འཁྲབ་སྦྱོང་བྱ་རྒྱུ་རེད།
<