མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས<< འཆམ་མཐུན་བཀྲ་ཤིས་གཡང་ལོ>>རིག་རྩལ་བརྩམས་ཆོས་དག་མུ་མཐུད་དུ་འཁྲབ་སྦྱོང་བྱས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།
ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། རང་རེའི་ལས་ཁུངས་སུ་ཐོན་ཟིན་པའི་ཞབས་བྲོ་འཁྲབ་སྟོན་པ་དང་། ས་གནས་སོ་སོ་ནས་ཡོང་པའི་གཞས་པ་གཞས་མ་རྣམས་རང་རེའི་ལས་ཁུངས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་འཛོམས་ཏེ་རིག་རྩལ་རྣམ་གྲངས་སོ་སོ་གོ་རིམ་བཞིན་དུ་ཡང་ནས་བསྐྱར་དུ་འཁྲབ་སྦྱོང་བྱེད་བཞིན་ཡོད་པ་དང་། གཞན་ཡང་།  བརྙན་ལེན་པ་དང་རྒྱབ་ལྗོངས་འཆར་ངོས་སྒྲིག་བཟོ་བ། སྒྲ་གཏོང་པ། གློག་འོད་སྒྲིག་བཟོ་བ་སོགས་ཀྱིས་སྒྲིག་ཆས་ལ་ཞིབ་བཤེར་དང་མི་འདང་ས་ཐམས་ཅད་འཐུས་ཚང་དུ་བཏང་། དེ་མིན་ཐེངས་འདིའི་ལོ་སར་སྤྲོ་ཚོགས་ཀྱི་མདོ་འཛིན་པ་དག་ཀྱང་དེ་རིང་གི་འཁྲབ་སྦྱོང་ལ་ཞུགས་ཏེ་འཁྲབ་ཚིག་ལ་འཁྲབ་སྦྱོང་བྱས་པར་མ་ཟད།  འབྲེལ་ཡོད་འགོ་ཁྲིད་མི་སྣ་དག་ཡུལ་དངོས་སུ་ཕེབས་ཏེ་འཁྲབ་སྦྱོང་གི་གནས་ཚུལ་ལ་གཟིགས་ཞིབ་བྱས་པ་དང་བརྙན་སྐྲུན་ཚན་ཆུང་གིས་བརྙན་ལེན་གྱི་བྱ་བར་གྲོས་མོལ་བགྱིས།

IMG_0586.jpg

མཛེས་པའི་ཞབས་བ