
གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།
ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོ། ཐེངས་འདིའི་ལོ་སར་སྤྲོ་ཚོགས་སྟེང་གདན་ཞུའི་གཞས་པ་བསམ་ཁོ་དང་གཞས་མ་འཇམ་དབྱངས་སྒྲོལ་མ། དབྱངས་སྐྱིད་མ་སོགས་ཀྱིས་འཁྲབ་སྟོན་ཚོམས་ཆེན་དུ་འཁྲབ་སྦྱོང་བྱས་ཤིང་། དོ་དགོང་གི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་ཆེས་མཇུག་མཐའི་འཁྲབ་སྦྱོང་དངོས་བྱ་རྒྱུ་ཡིན་པར་མ་ཟད། སང་ཉིན་སྟེ་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་སྤྲོ་ཚོགས་དངོས་སུ་འགོ་རྩོམ་རྒྱུ་རེད།
སྐད་གྲགས་ཅན་གྱི་གཞས་མ་འཇམ་དབྱངས་སྒྲོལ་མས་འཁྲབ་ལེན་བྱེད་བཞིན་པ།