
གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།
མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོ«འཆམ་མཐུན་བཀྲ་ཤིས་གཡང་ལོ»ཡི་ཆེས་མཇུག་མཐའི་འཁྲབ་སྦྱོང་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ལེགས་འགྲུབ་བྱུང་། རང་རེའི་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་མི་སྣ་དང་ལྟད་མོ་བ་ཁྲི་སྟོང་ལྷག་འཁྲབ་སྟོན་ཚོམས་ཆེན་དུ་འཛོམས་ཏེ་འཁྲབ་སྦྱོང་ལ་བལྟས། ངོ་མཚར་གྱི་ལེ་ཚན་རེ་རེ་ཡིས་རྒྱ་ཆེའི་ལྟ་མཁན་དག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ནས་དགོང་ཚོགས་ཀྱི་འགོ་མཇུག་བར་གསུམ་དུ་ཐལ་མོའི་རྡེབ་སྒྲ་རྒྱུན་མ་ཆད། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ལོ་སར་སྤྲོ་ཚོགས་དངོས་སུ་འགོ་རྩོམ་རྒྱུ་རེད།
འཁྲབ་སྦྱོང་སྟེང་ཕེབས་པའི་འབྲེལ་