བོད་ཤིང་མོ་ལུག་ལོའི་ལོ་སར་དགོང་ཚོགས་ཆེན་མོ«འཆམ་མཐུན་བཀྲ་ཤིས་གཡང་ལོ»ཞེས་པ་ཕབ་བསྐྲུན་ལེགས་འགྲུབ་བྱུང་།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

གསར་འགོད་པ་ལྕགས་ཐར་ཚེ་རིང་དང་པདྨ་ཚེ་རིང་གཉིས་ནས་བཀོད་པའི་གསར་འགྱུར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ལོ་སར་དགོང་ཚོགས«འཆམ་མཐུན་བཀྲ་ཤིས་གཡང་ལོ»ཞེས་པ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེས་མ་ཅ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས་སོགས་འགོ་ཁྲིད་དང་བློ་མཐུན་རྒན་པ་གཡང་མོ་རྒྱལ་སོགས་དགོང་ཚོགས་ཀྱི་ཡུལ་དངོས་སུ་ཡོང་ནས་རྒྱ་ཆེའི་ལྟད་མོ་བ་དག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས།

དགོང་མོའི་དུས་ཚོད་བདུན་དང་སྐར་མ་སུམ་བཅུའི་སྟེང་སྤྲོ་དགའི་ཁེངས་པའི་གཞས་བྲོ«འཆམ་མཐུན་བཀྲ་ཤིས་གཡང་ལོ»ཞེས་པས་སྤྲོ་ཚོགས་ཀྱི་ཡོལ་བ་ཕྱེས་ཤིང་། སྤྲོ་ཚོགས་ཧྲིལ་བོར་སྲོལ་རྒྱུན་གྱི་དུས་ཆེན་རིག་གནས་ད