གཅན་ཚ་རྫོང་གིས2015ལོའི་ལོ་སར་སྐབས་སུ་མི་རིགས་སྲོལ་རྒྱུན་མདའ་རྩེད་འགྲན་བསྡུར་བསྡུས།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

དུས་ཆེན་གྱི་རིག་གནས་དང་ལུས་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དམངས་ཀྱི་ལུས་རྩལ་བྱ་འགུལ་མཐོར་འདེགས་སུ་གཏོང་ཆེད། གཅན་ཚ་རྫོང་གིས2015ལོའི་ལོ་སར་སྐབས་སུ་མི་རིགས་སྲོལ་རྒྱུན་མདའ་རྩེད་འགྲན་བསྡུར་བསྡུས། རེབ་འདིའི་མདའ་རྩེད་འགྲན་བསྡུར་དེ་ཟླ2པའི་ཚེས28ཉིན་གྱི་སྔ་དྲོར། རྫོང་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། མགོ་རྩོམ་མཛད་སྒོའི་སྟེང་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་རུ་ཁག་སོ་སོའི་ཚབ་བྱེད་མི་སྣ། ཞིང་ཆེན་རིམ་པའི་གསར་འགོད་པ་སོགས་བསྡོམས་པའི་མི1400ལྷག་ཞུགས་ཡོད།

ཐེངས་འདིའི་མདའ་རྩེད་འགྲན་བསྡུར་ལ་དུས་རིམ་གཉིས་སུ་དབྱེ་ཡོད་པ་དང་། དུས་རིམ་དང་པོ་ནི་ཟླ1པའི15ནས་ཚེས25ཉིན་ཤང་དང་གྲོང་རྡལ་གྱིས་རྩ་འཛུགས་བྱས་ཏེ་སྤེལ་བ་དང་། དུས་རིམ་གཉིས་བ་ནི་རྫོང་གིས་རྩ་འཛུགས་བྱས་པའི་རྟིང་རྩོད་ཀྱི་འགྲན་བསྡུར་དེ་ཡིན།
བྱ་འགུལ་འདི་བརྒྱུད་དེ་མཚར་སྡུག་འོད་སྟོང་འབར་བའི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་རྒྱུད་འཛིན་གྱི་ཕྱོགས་ལ་ནུས་བ་བླ་ལྷག་འདོན་དང་འདོན་མུས་སུ་མཆིས་ལ། ད་ཐེངས་ཀྱི་འགྲན་བསྡུར་འདི་ནི་སྔོན་མའི་འགྲན་བསྡུར་དང་མི་འདྲ་བར་ཐེངས་འདིའི་འགྲན་བསྡུར་ནང་ལྕགས་གཞུ་འཁོར་ལོ་མ་མི་ཚུད་པ་དང་། རྭ་གཞུ་དང་ལྕགས་གཞུ་ལེབ་མོ་རྐྱང་བའི་འགྲན་བ