དམངས་ཁྲོད་བརྙན་འཕྲིན་ཟློས་གར༼མེ་ཏོག་སེར་ཆེན༽འགྲེམ་སྤེལ་བརྡ་ཁྱབ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

mmexport1427098711007.jpg

བརྙན་འཕྲིན་ཟློས་གར་འདི་ནི་ན་གཞོན་སྙན་ངག་པ་འབྲོང་ཕྲུག་གིས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པའི་ལེའུ་བཞི་ཅན་གྱི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ནང་དོན་གཙོ་བོ་ནི་འབྲོག་ཁུལ་གྱི་སློབ་ཆུང་ཞིག་ནས་བྱུང་བའི་གཏམ་རྒྱུད་ཐུང་ངུ་ཞིག་སྟེ། དགེ་རྒན་གངས་དགའ་དོན་གྲུབ་དང་མེ་ཏོག་མཚོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་གཞིར་བཟུང་ནས། འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་དང་སློབ་གསོའི་གནས་བབ་དེ་མཚོན་ཐུབ་བྱས་ཡོད། དེ་ཡང་། གངས་དགའ་དོན་གྲུབ་ནི་ད་སོ་མར་སློབ་མཐར་ཕྱིན་པའི་དགེ་རྒན་ཞིག་ཡིན་ལ། ཁོ་རང་འབྲོག་ཁུལ་གྱི་སློབ་ཆུང་འདིར་དགེ་རྒན་གྱི་བྱ་བ་གཉེར་དུ་ཡོང་བའི་ཉིན་དང་པོར་ལམ་བར་ནས་མེ་ཏོག་མཚོ་མོར་ཐུག་ཅིང་། ཁོ་མོའི་ལྷད་མ་གོས་པའི་གཤིས་ཀ་དང་གཞན་ཕན་གྱི་ལྷག་བསམ་དེས་ཁོའི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་པ་རེད། mmexport1427098738805.jpg