སློབ་རའི་གླུ་མ་ཀུན་བཟང་སྒྲོལ་མས་བོད་སྐད་ཀྱིས་བླངས་པའི༼ སྙིང་སྡུག་ལགས ༽ལ་ཀུན་གྱིས་དགའ་བསུ་ཐོབ།
ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

གསར་འགོད་པ་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

ཉེ་ཆར་མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བོད་སྐད་ཀྱིས་བླངས་བའི༼ སྙིང་སྡུག་ལགས ༽ཞེས་པ་དུས་ཚོད་ཐུང་ཐུང་གི་ནང་དུ་རྡེབ་ཚད་ཁྲི་ཁྲག་བརྒལ་ཞིང་པོད་འཕྲིན་དང་སྐད་འཕྲིན་གྱི་སྒང་ནས་བརྒྱུད་བསྐུར་ཤུགས་ཆེན་བྱས་ཤིང་དོ་སྣང་ཆེན་པོ་བྱུང་།

ཟླ4བའི་ཚེས13ཉིན་རང་རེའི་ལས་ཁུངས་ཀྱི་གསར་འགོད་པས་ཁོ་མོར་འབྲེལ་བ་བྱས་པ་བརྒྱུད་མཚོ་སྔོན་སློབ་ཆེན་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས།

ཀུན་བཟང་སྒྲོལ་མ་ནི་མཚོ་ནུབ་ཁུལ་དུར་ལམ་རྫོང་ནས་ཡིན་ཞིང་།  ད་ལྟ་མཚོ་སྔོན་སློབ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་སྡེ་ཁག་ན་སློབ་སྦྱོང་བྱེད་མུས་སུ་མཆིས།  ཁོ་མོ་ཆུང་དུས་ནས་གླུ་གཞས་དང་ཞབས་བྲོ་ལ་ཧ་ཅང་དགའ་ཞིང་།  2014ལོར་མཚོ་སྔོན་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་མཚོ་སྔོན་སློབ་ཆེན་སྒྱུ་རྩལ་ཚོགས་པར་ཞུགས་ནས་རང་གི་དགའ་ཕྱོགས་ལ་འབད་པ་ལྷུར་ལེན་བྱས།

ཟླ4བའི་ཚེས2ཉིན།  ཁོ་མོས་མཚོ་སྔོན་སློབ་གྲྭ་ཆེན་མོའ