
དམངས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་། བོད་ཀྱི་དམངས་གླུ་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན། མང་ཚོགས་ཀྱི་སྤྲོ་སེམས་སྐུལ་སྤེལ་དང་ཕུལ་དུ་བྱུང་བའི་གླུ་བ་གླུ་མ་རྣམས་ལ་ཡར་སྐུལ་བྱ་ཆེད། ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ད་ལོའི་སྤྱི་ཟླ་དྲུག་པ་ནས་བཟུང་ཟི་ལིང་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོ། མཚོ་ནུབ། མཚོ་བྱང་། མགོ་ལོག ཡུལ་ཤུལ། ཀན་ལྷོ། རྔ་བ་བཅས་འགྲན་ཁུལ་བཅུ་ནས་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་འགྲན་སྡུར་སྤེལ་རྒྱུ་ཡིན།
འགྲན་ཚོགས་ཀྱི་མིང་ཐོ་འགོད་ས་དང་འབྲེལ་གཏུག་བྱེད་ཡུལ་སོགས་ངེད་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་དུས་ཐོག་ཏུ་བརྡ་སྦྱོར་གཏོང་རྒྱུ་ཡིན།
བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་ལས། མཚོ་ཤར་འགྲན་ཁུལ་ཏེ། ཕིན་ཨན་དང་། ལོའི་ཏུའུ། ཧུའུ་ཀྲུའུ། མིན་ཧའོ། དཔའ་ལུང་། ཞོན་ཧྭ་བཅས་ཀྱི་འགྲན་སྡུར་དེ། སྤྱི་ཟླ་དགུ་བའི་ཚེས་ཉེར་བརྒྱ