ལབ་ཕན་འདུམ་བློ་བཟང་རིན་ཆེན་གྱི་གླུ་ཚིག་གདམ་གསེས་འཁྲབ་སྟོན་རྒྱས་ཚོགས།
ཁུངས། ཀློག་གྲངས། 16

ལབ་ཕན་འདུམ་བློ་བཟང་རིན་ཆེན་གྱི་གླུ་ཚིག་གདམ་གསེས་འཁྲབ་སྟོན་རྒྱས་ཚོགས་དེ་ཟླ༦པའི་ཚེས༥ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུ་རྒྱུ་རེད། ཐེངས་འདིར་ཁོང་གི་གཞས་ཚིག་བརྩམས་ཆོས་མང་པོ་ལས་ཚབ་མཚོན་ཅན་གྱི་གཞས་ཚིག་འགའ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གཞས་པ་མང་པོའི་བདེ་མོའི་ངག་ལ་བགུགས་སྟེ་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། སྐད་གྲགས་ཅན་གྱི་གླུ་བ་ཡ་ཏུང་སོགས་ཀུན་གྱིས་དགའ་བསུ་ཐོབ་པའི་གླུ་བ་གླུ་མ་མང་པོ་ཞུགས་ཡོད།

image003.jpg

ལབ་ཕན་འདུམ་བློ་བཟང་རིན་ཆེན་ནི་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཞང་གི་ཡིན། ༡༩༨༢ལོའི་ཟླ་༧པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གྲངས་ཉུང་མི་རིགས་སྐད་ཡིག་སློབ་གླིང་ནས་མཐར་ཕྱིན། ད་ལྟ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལོ་ཙྭ་ཁང་ནས་ལས་དོན་སྒྲུབ་ཀྱིན་ཡོད། ཞུ་ཆེན་པ་དང་རྒྱལ་ཡོངས་བོད་ཀྱི་ཐ་སྙད་གསར་པ་བཀས་བཅད་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐད་གྲགས་ཅན་གྱི་རྒྱ་བོད་ལོ་ཙཱ་བ་དང་བྲིས་མཁས་པ། བོད་ཁུལ་ནས་ཆེ