
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་རྣམ་རྒྱལ་རིག་འཛིན་གྱིས་བཀོད་པའི་གསར་འགྱུར།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིནཁང་། ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་རྩིས་ཡོད་པའི་ཉིས་སྟོང་བཅུ་དྲུག་ལོའི་ན་ཆུང་བྱིས་པའི་སྤྲོ་ཚོགས་ཆེན་མོ་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་བསྡུ་རྒྱུ་ཡིན་ལ། དགོང་ཚོགས་གྲ་སྒྲིག་གི་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་འདུག
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱིས་པའི་སྤྲོ་ཚོགས་འདི་ནི་གཞི་རྒྱ་ཆེ་ལ་འཁྲབ་སྟོན་པ་མང་བ་དང་གྲ་སྒྲིག་བྱ་བ་འཐུས་ཚང་ཡིན་པ། རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་ཁུངས་དག་གིས་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པས་རྒྱུ་སྤུས་བཟང་ཞིང་ཀུན་ལ་ངོམ་ཆོག་པའི་སྤྲོ་ཚོགས་ཤིག་ཏུ་འགྱུར་ཐུབ་པ་གདོན་མི་ཟ།