
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིནཁང་། ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་རྩིས་ཡོད་པའི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས། «འབའ་ཀླུང་སྔོན་མོའི་འགྱུར་ཁུགས»ཞེས་པ་མི་འགྱང་བར་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་བཅའ་སྡོད་སློབ་གྲྭ་ནས་བསྡུ་རྒྱུ་ཡིན་ལ། ཐེངས་འདིའི་སྤྲོ་ཚོགས་སྟེང་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་གཉིས་པ། རྫོང་བཅའ་སྡོད་སློབ་ཆུང་། ལོ་དགུ་མུ་གཅིག་སློབ་གྲྭ ཐུན་ཏེ་རྫོང་བྱིས་སྐྱོང་ཁང་། རྨ་ཞོལ་དབྱི་ཧྥུ་སློབ་གྲྭ གཡུ་རྔོག་སློབ་ཆུང་། སྟག་གསོད་སློབ་ཆུང་། གོང་མ་སློབ་གྲྭ རྐ་ཆུང་སློབ་ཆུང་། མགོ་མང་སློབ་ཆུང་། ཐང་རྒན་སློབ་ཆུང་། ཁ་སྒང་སློབ་ཆུང་བཅས་སློབ་གྲྭ་བཅུ་གསུམ་ནས་ཐོན་པའི་སློབ་མ་ཆིག་སྟོང་ལྷག་ཞུགས་ཡོད་པ་མ་ཟད། ད་ལྟ་བོད་ཁུལ་དུ་གླུ་གར་སྒྱུ་རྩལ་ཐད་འཇོན་ནུས་འབུར་ཐོན་ཅན་གྱི་ན་ཆུང་བྱིས་པ་བཞི་གདན་འདྲེན་བྱས་ནས་རྩེད་མོའི་རྣམ་གྲངས་སུམ་ཅུར་ཉེ་བ་ཞིག་ཀུན་གྱི་སྤྱན་སྔར་འབུལ་རྩིས་ཡོད་པས། ན་ཆུང་གྲོགས་པོ་ཡོངས་དང་ལྷག་པར་དུ་བརྗོད་བྱ་འདིར་མོས་པ་ཡོད་མཁན་ཀུན་གྱི་ལེགས་སྐྱེས་བཟང་པོ་ཞིག་ཏུ་