
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་ན་ཆུང་བྱིས་པའི་སྤྲོ་ཚོགས་ཆེན་མོ«འབའ་ཀླུང་སྔོན་མོའི་འགྱུར་ཁུགས»ཞེས་པའི་ཞིབ་བཤེར་བྱ་བ་ཟླ་འདིའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་རྫོང་བཅའ་སྡོད་སློབ་ཆུང་དུ་བསྡུས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། ཐུན་ཏེ་རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་མི་སྣ་ཞིབ་བཤེར་ཡུལ་དངོས་སུ་ཞུགས་ཤིང་། འཁྲབ་སྟོན་གྱི་མགོ་མཇུག་བར་གསུམ་ལ་ཞིབ་ལྟ་བྱས་ནས་གདེངས་འཇོག་མཛད་པ་མ་ཟད། མི་འདང་སའི་ཕྱོགས་ལ་བསམ་འཆར་དང་རེ་བ་བཏོན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། ཐུན་ཏེ་རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་མི་སྣས་སེམས་ཞིབ་མོས་འཁྲབ་སྟོན