འབའ་ཡུལ་བྱིས་པའི་སྤྲོ་ཚོགས་ཀྱི་འཕེལ་རིམ་གསར་བ།
ཁུངས། ཀློག་གྲངས། 4

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་བོད་ཤིང་སྤྲེལ་ལོའི་ན་ཆུང་བྱིས་པའི་སྤྲོ་ཚོགས་ཆེན་མོ«འབའ་ཀླུང་སྔོན་མོའི་འགྱུར་ཁུགས»ཅེས་པ་འབའ་ཡུལ་གཡང་གི་ར་བ། འབའ་ས་མཐོང་བ་ཀུན་སྨོན། འབའ་འབའ་ལུ་གུའི་རྩེད་ཐང་དུ་གྲགས་པའི་རྫོང་རིའི་གནས་མཆོག་ཐུན་ཏེ་རྫོང་དུ་བསྡུ་བཞིན་ཡོད་ལ། སྤྲོ་ཚོགས་འདི་ནི་མིག་སྔར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བོད་ཁུལ་དུ་བསྡུས་པའི་བྱིས་པའི་སྤྲོ་ཚོགས་ཀུན་ལས་གཞི་རྒྱ་ཆེས་ཆེ་ཞིང་འཁྲབ་སྟོན་པའི་མི་གྲངས་ཆེས་མང་པའི་སྤྲོ་ཚོགས་ཤིག་ཡིན་པ་མ་ཟད། གར་སྟེགས་དང་སྒྲིག་ཆས། བྲོ་ལྭ་སོགས་ཀྱང་ཆེས་མཐོ་བའི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད་པས། ཐུན་ཏེ་རྫོང་གི་སློབ་གསོ་དྲིལ་སྒྲོག་དང་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས། ན་ཆུང་སློབ་བུ་མང་པོ་རང་རང་གི་འཇོན་ནུས་ངོམ་སའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད།

IMG_3652_副本.jpg