དམངས་ཁྲོད་ལོ་སར་དགོང་ཚོགས༼རྟེན་འབྱུང་མདོ་ལ་རིང་མོ༽ བརྙན་ཕབ་བྱས།
ཁུངས། ཀློག་གྲངས།

图片

图片

ཟླ1པོའི་ཚེས21ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་མདོ་ལ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་དུ་བསྒྲུབས་པའི་ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་དམངས་ཁྲོད་ལོ་སར་དགོང་ཚོགས༼རྟེན་འབྱུང་མདོ་ལ་རིང་མོ༽ཞེས་པ་དེ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་ནས་བརྙན་ཕབ་ལེགས་འགྲུབ་བྱུང་། 

图片
图片
图片
图片

ཨ་མདོ་བརྙན་འཕྲིན་གྱི་དམངས་ཁྲོད་ལོ་སར་དགོང་ཚོགས་ནི་ཏང་གི་ལམ་ཕྱོགས་དང་མི་རིགས་སྲིད་ཇུས་དྲིལ་སྒྲོག ལྷག་པར་མི་རིགས་རང་གི་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་ཐད་ལ་ནུས་པ་བླ་ལྷག་ཐོན་དང་འདོན་བཞིན་པའི་རིག་རྩལ་སྤྲོ་ཚོགས་གལ་ཆེན་ཞིག་ཡིན། སྔ་ཕྱིར་ལོ་མང་པོའི་རིང་ལ་ས་གནས་སྲིད་གཞུང་དང་མཉམ་འབྲེལ་གྱིས་དམངས་ཁྲོད་ལོ་སར་དགོང་ཚོགས་བསྟུད་མར་བསྒྲུབས་ནས་ས་གནས་ཀྱི་སྤྱི་ཚོགས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་གོང་སྤེལ། རིག་གནས་ཡར་རྒྱས་སོགས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།


图片



图片


图片

ད་ལོའི་དམངས་ཁྲོད་ལོ་སར་དགོང་ཚོགས༼རྟེན་འབྱུང་མདོ་ལ་རིང་མོ༽ཞེས་པ་དེ་མདོ་ལ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་བླ་མེད་ཐོབ་པའི་འོག  ཨ་མདོ་བརྙན་འཕྲིན་གྱིས་འཁྲབ་ཁྲིད་ཚན་ཆུང་རྩ་འཛུགས་ཀྱིས་ས་གནས་ཀྱི་རིག་གནས་སྡེ་ཁག་དང་མཉམ་འབྲེལ་གྱིས་ཟླ་ངོ་གཉིས་ལྷག་གི་རིང་དུ་མདོ་ལ་རྫོང་གི་ཞང་དང་གྲོང་རྡལ། སྡེ་བ་རེ་རེ་བཞིན་མྱུལ་ནས། དམངས་ཁྲོད་ཀྱི་གླུ་དང་བཤད་པ། ཨ་རྩེད་སོགས་མི་རིགས་ཀྱི་ཁྱད་ཆོས་དང་མདོ་ལ་ས་ཆའི་ཁྱད་ཆོས་མངོན་པར་རྫོགས་པའི་དམངས་ཁྲོད་སྒྱུ་རྩལ་བརྩམས་ཆོས་འཚོལ་སྡུད་ཀྱིས་དམངས་ཁྲོད་ལོ་སར་དགོང་ཚོགས་ཀྱི་འཁྲབ་ཚན་གཙོ་བོ་གྲུབ་པར་བྱས་ཤིང་། ༼མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ༽རྩ་དོན་དང་ཁྲིད་སྟོན་དུ་བཟུང་ནས། ས་གནས་ཀྱི་དམངས་ཁྲོད་གླུ་བ་གླུ་མ་དང་སྒྱུ་རྩལ་པ་འཁྲབ་སྟོན་མི་སྣ་གཙོ་བོར་བཞག་ནས་ས་གནས་རང་བཞིན་དང་མང་ཚོགས་རང་བཞིན། དམངས་ཁྲོད་རང་བཞིན་ཆེས་ཆེར་མངའ་བའི་དམངས་ཁྲོད་ལོ་གསར་དགོང་ཚོགས་ཕུན་སུམ་ཚོགས་པ་ཞིག་གྲུབ་པར་བྱས་ཡོད།  

图片
图片
图片
图片
图片
图片


图片
图片


图片
图片
图片
图片


图片



图片
图片








དགོང་ཚོགས་ཧྲིལ་བོ་དམངས་གླུ་དང་ཨ་རྩེད། གར་ཆུང་། ཤོམ་འགྲོ། བཤད་པ་སོགས་གཙོ་བྱས་པའི་འཁྲབ་ཚན་བཅུ་བདུན་གྱིས་གྲུབ་ཡོད་ཅིང་། འཁྲབ་ཚན་ཧྲིལ་བོའི་བརྒྱ་ཆའི་ལྔ་བཅུ་ཙམ་ས་གནས་ཀྱི་རིག་གནས་སྒྱུ་རྩལ་ཐོན་ཁུངས་སྔོག་འདོན་ལས་ཐོན་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་བརྩམས་ཆོས་རྣལ་མ་འབའ་ཞིག་ཡིན། དེའི་ཁར་མཚོ་བྱང་གི་གླུ་བ་མིང་གྲགས་ཅན་ཚེ་བརྟན་རྒྱལ་དང་མཚོ་ལྷོའི་གླུ་བ་མཁར་བྱམས་རྒྱལ། གཡང་མོ་སྒྲོལ་མ། དཀོན་མཆོག་སྐྱབས།  ཡུན་ནན་བདེ་ཆེན་གྱི་སམྦྷོཊ་ཚན་སྡེབ། གུང་ཧོ་རྫོང་རིག་གནས་ཁང་སོགས་ས་གནས་གཞན་ནས་ཀྱང་གླུ་བ་གླུ་མ་མིང་གྲགས་ཅན་དང་རིག་རྩལ་འཁྲབ་སྟོན་ཚོགས་པ་ཆེད་དུ་གདན་ཞུ་བྱས་ཡོད་པ་རེད།

图片



དམངས་ཁྲོད་ལོ་སར་དགོང་ཚོགས།



图片
图片
图片

མདོ་ལ་རྫོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་སྤྱི་ཚོགས་ཕྱོགས་སོ་སོ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པའི་སྤྲོ་དགའི་རྣམ་པ་མངོན་པར་མཚོན་ཆེད་དང་།མདོ་ལ་རྫོང་གི་གནའ་སྲོལ་མ་ཉམས་པའི་དམངས་ཁྲོད་གླུ་གར་རིག་གནས་ཕུན་སུམ་ཚོགས་པ་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱུད་འཛིན་དར་སྤེལ་བྱེེད་པ་ལ་སྐུལ་འདེད་གཏོང་བ། དེ་མིན་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་དུས་ཆེན་གྱི་དགའ་སྟོན་ལ་སྤྲོ་སྐྱིད་ཀྱི་གཟི་མདངས་གསར་བ་ཞིག་སྣོན་པ་བཅས་ཀྱི་ཆེད་དུ་བསྒྲུབས་པའི་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་མོ་འདི་ནི། མདོ་ལ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། མདོ་ལ་རྫོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཡོངས་ཀྱིས་ངེད་ཨ་མདོ་བརྙན་འཕྲིན་བརྒྱུད་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་དང་བོད་འབྲེལ་ས་ཁུལ་གྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་ལོ་སར་གྱི་སྐྱེས་སུ་ཕུལ་བའི་གླུ་གར་གྱི་མཆོད་པ་ཡིན།

图片


图片
图片
图片
图片
图片


图片






——རྟེན་འབྱུང་མདོ་ལ་རིང་མོ།



图片





图片


图片









图片
图片
图片


图片



图片
图片








    

图片


图片



图片


ད་ལོའི་དམངས་ཁྲོད་ལོ་སར་དགོང་ཚོགས་དེ་ཡང་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། གངས་ལྗོངས་མེ་ལོང་དྲ་བ། ཨ་མདོ་བརྙན་འཕྲིནappབཅས་ནས་གཟིགས་འབུལ་བྱ་རྒྱུ་ཡིན་ལ། ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་དུས་དབྱངས་འཕྲིན་སྟེགས་སོགས་སྨྱན་བྱད་གསར་བའི་རྒྱུད་ལམ་ཁག་ནས་ཀྱང་དུས་མཉམ་དུ་གཏང་རྒྱུ་ཡིན་པས། རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།

图片