ན་ཆུང་བྱིས་པའི་དགའ་ཚལ། མེད་ལ་མེད་དགུ་ནི་གང་དག་རེད།
ཁུངས། ཀློག་གྲངས། 485

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པའི་སྟེང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གངས་ལྫོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འགྲན་ཁུལ་གྱི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གནའ་གཏམ་གསུམ་དང་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་བྱས་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གངས་ཅན་བྱིས་གླུ་ལས་ཐེབས་པད་རྩེད་གླུ་ཞེས་པ་དང་མེད་ལ་མེད་དགུ་ཞེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་འཚོ་བའི་ཁྲོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སུ་ཞིག་གིས་ཇུས་འགོད་བྱས་པ་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།