
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱིས་བློ་ཏང་ལ་ཕྱོགས་ཞེས་པའི་གཏམ་བཤད་བྱ་འགུལ་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོའི་གཏམ་བཤད་ལས་ཁག་དང་པོ་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ང་དང་ལུ་གུ་ཆུང་ཆུང་ཞེས་པའི་བྱིས་གླུ་ཞིག་དང་དམངས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་བསླབ་འབྲས་མཐོར་འདེགས་གཏོང་བའི་ཐབས་ཤེས་སྐོར་གྱི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

གཏམ་བཤད་ལ་ཞུགས་མཁན་གྱི་ན་ཆུང་གདོང་ལེན་པ་ཆུང་ཆུང་།

བྱིས་བློ་ཏང་ལ་ཕྱོགས་ཞེས་པའི་གཏམ་བཤད་བྱ་འགུལ་གྱི་ཚོགས་རའི་ཟུར་ཞིག
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།