
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སྟག་སེང་ཁྱུང་འབྲུག་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བཀྲ་ཤིས་འཚོས་བཤད་པའི་སྦལ་བ་དང་རི་བོང་། གྲོག་མ་ཞེས་པའི་གཏམ་རྒྱུད་ཅིག
༣རིག་པའི་སྐར་ཁུང་གི་ནང་དུ་མིན་ལ་དགའ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་གྲོགས་པོ་ཆུང་ཆུང་ཚོར་དོན་དག་ཐག་གཅོད་པའི་བློ་སྤོབས་མངའ་དགོས་པའི་ཐད་ཀྱི་ཁ་བརྡ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

གནའ་གཏམ་བཤད་པར་དགའ་བའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་ཨ་ཅེ་བཀྲ་ཤིས་འཚོ།
གནའ་གཏམ་ཁྲོད་ཀྱི་རི་བོང་བློ་ལྡན།

སྤལ་བ་ཕོ་ཆེ་དང་གྲོག་མ་སྐེད་ཕྲ།
རྩོམ་སྒྲིག་པ་དང་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།