ན་ཆུང་བྱིས་པའི་དགའ་ཚལ། ན་ཆུང་བྱིས་པ་ཚོས་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་སྐབས་མཉམ་འཇོག་དགོས་པའི་ཤེས་བྱ་ཐོར་བུ།
ཁུངས། ཀློག་གྲངས། 108

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རྡོ་རྗེ་མཚོ་སྐྱིད་ཀྱིས་བླངས་པའི་ཨ་བོ་བྱེའུ་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༢   ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་མགོ་ལོག་བོད་རིགས་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་ཁག་ཅིག་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་ན་ཆུང་བྱིས་པ་ཚོར་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་པའི་ཐད་ནས་ཁོང་དུ་ཆུད་དགོས་པའི་ཤེས་བྱ་གང་དག་ཡོད་པ་ངོ་སྤྲོད་བྱས་ཡོད།

                                 ངས་ཁྱེད་ཚོར་གོ་མ་མྱོང་བའི་གནའ་གཏམ་ཞིག་བཤད།


ང་ཚོས་རྣ་བ་བླགས་ནས་ཁྱོད་ཀྱི་གནའ་གཏམ་ལ་ཉན་ཡོད།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།


གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289

སྐད་འཕྲིན། boyutb