ན་ཆུང་བྱིས་པའི་དགའ་ཚལ། ཁྭ་ཏས་གླིང་བུ་གཡར་བ།
ཁུངས། ཀློག་གྲངས། 66

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསོད་ནམས་དབང་མོས་བླངས་པའི་བྱིས་གླུ《སྨོན་པའི་གནས་མཆོག》དང་པདྨ་ཚན་སྡེབ་ཀྱིས་བླངས་པའི་བྱིས་གླུ《ང་ཡི་གཤོག་པ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་བྱིས་པའི་རླུང་འཕྲིན་ཟློས་གར《ཁྭ་ཏས་གླིང་བུ་གཡར་བ》དང་གྲོགས་པོ་ཆུང་ཆུང་ཕག་མོ་གཡང་སྒྲོན་གྱི་བཤད་པ《ཁ་བཏགས་ལ་བསྟོད་པ》 གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་སློབ་མའི་བདེ་ཐང་རྒྱུན་ཤེས་ལས《གནད་དོན་ཡོད་པའི་སིལ་ཏོག་གི་རིགས་ཉུང་བཟའ་བྱས་ན་འགྲིག》དང་གྲོགས་པོ་ཆུང་ཆུང་གཡང་དཀར་ལྷ་མོས་གྱེར་བའི་སྙན་ངག《དེ་རིང་ཉི་མ་དྲོ་དྲོ》བཅས་བཀོད་སྒྲིག་བྱས་ཡོད།

ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །

བྱ་བའི་ཆ་ལ་རྨོངས་མི་འགྱུར། །

སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །

མིག་ལྡན་གཞན་ལས་ལྷག་པར་མགྱོགས། །

ས་སྐྱ་ལེགས་བཤད་ལས་དྲངས།

ན་ཆུང་བྱིས་པའི་རླུང་འཕྲིན་ཟློས་གར《ཁྭ་ཏས་གླིང་བུ་གཡར་བ།》

གནད་དོན་ཡོད་པའི་སིལ་ཏོག་གི་རིགས་ཉུང་བཟའ་བྱས་ན་འགྲིག

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།