ན་ཆུང་བྱིས་པའི་དགའ་ཚལ། བྱིས་པའི་མིག་དབང་སྲུང་སྐྱོབ་བྱེད་སྟངས།
ཁུངས། ཀློག་གྲངས། 40

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་རྟ་མགྲིན་རྡོ་རྗེས་བླངས་པའི་རྡུང་ལེན《སེམས་དཀར་ཁ་བརྡ》དང་ཡོན་ཏན་ཚེ་རིང་གིས་བླངས་པའི་བྱིས་གླུ《མེ་ཏོག་ལྟ་བུའི་ང་ཚོ》གྲོགས་པོ་ཆུང་ཆུང་ཀུན་ཤེས་ཀྱིས་བླངས་པའི་གླུ《དྲིན་ཕ་མའི་བཀའ་དྲིན་བརྗེད་མེད་ཡིན》བཅས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《བྱི་བ་ཆུང་ཆུང་གྲལ་མགོར་བསྡད་པ》དང་རིས་སྒྲུང་གྲགས་ཅན《གླང་ཆེན་དང་ཙི་གུ》 གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་སློབ་མའི་བདེ་ཐང་རྒྱུན་ཤེས་ལས《བྱིས་པའི་མིག་དབང་སྲུང་སྐྱོབ་བྱེད་སྟངས》དང་ལྗོངས་ཞིང་ལྔའི་ཕུལ་བྱུང་སློབ་མའི་རྩོམ་ཡིག་གཅེས་བསྡུས་ལས《དགའ་སྐྱོ་ཟུང་ལྡན་གྱི་སློབ་རའི་འཚོ་བ》བཅས་བཀོད་སྒྲིག་བྱས་ཡོད།

ཁོང་མཛངས་བསོད་ནམས་བསགས་པའི་མི། །

གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །

རི་དྭགས་རྒྱལ་པོ་སེང་གེ་དང་། །

འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །

ས་སྐྱ་ལེགས་བཤད་ལས་དྲངས།

རིས་སྒྲུང་གྲགས་ཅན《གླང་ཆེན་དང་ཙི་གུ》 ཞེས་པའི་བར་བཅུག་རི་མོ།

གནའ་གཏམ《བྱི་བ་ཆུང་ཆུང་གྲལ་མགོར་བསྡད་པ》ཞེས་པའི་བར་བཅུག་རི་མོ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།