
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཕག་མཚོ་སྐྱིད་ཀྱིས་བླངས་པའི་རྡུང་ལེན《གླིང་གེ་སར་ཚང་ལ་གྱི་ལིང་བརྒྱ》དང་རྡོ་རྗེ་རིན་ཆེན་དང་ཟླ་བ་སྒྲོལ་མས་བླངས་པའི་གླུ་ཤགས་ཚན་པ་ཞིག གྲོགས་པོ་ཆུང་ཆུང་ཚེ་དབང་མགོན་པོས་བླངས་པའི་བྱིས་གླུ《རི་བོང་བློ་ལྡན》བཅས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་ཀླུ་མོ་སྒྲོལ་མས་བཤད་པའི་གནའ་གཏམ《གསེར་གཡུ་སྐྱུག་པའི་ཀླུ་བདུད་གཉིས》དང་རིས་སྒྲུང་གྲགས་ཅན《འབུ་བརྒྱས་དཔོན་ས་རྩོད་པ》 གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་སློབ་མའི་བདེ་ཐང་རྒྱུན་ཤེས་ལས《དྲ་རྒྱར་ཞུགས་ན་ཕན་གནོད་ཅི་ཞིག་ཡོད》དང་ལྗོངས་ཞིང་ལྔའི་ཕུལ་བྱུང་སློབ་མའི་རྩོམ་ཡིག་གཅེས་བསྡུས་ལས《དྲུག་གཅིག་བྱིས་པའི་དུས་ཆེན》བཅས་བཀོད་སྒྲིག་བྱས་ཡོད།
འཇིག་རྟེན་འདི་དང་ཕ་རོལ་གྱི། །
བདེ་བ་བསྒྲུབ་པ་ཤེས་རབ་ཡིན། །
རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །
བྲན་བཟང་འདི་དང་ཕྱི་མར་བསྐྱབས། །
ས་སྐྱ་ལེགས་བཤད་ལས་དྲངས།

གནའ་གཏམ《གསེར་གཡུ་སྐྱུག་པའི་ཀླུ་བདུད་གཉིས》ཞེས་པའི་བར་བཅུག་རི་མོ།

རིས་སྒྲུང་གྲགས་ཅན《འབུ་བརྒྱས་དཔོན་ས་རྩོད་པ》ཞེས་པའི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།